ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༧ དང་ ༢༨ གཉིས་ལ་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་སྐོང་འཚོགས་གནང་ཡོད།
འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་བལ་ཡུལ་དུ་འཚོགས་པ།
ཇོ་ནང་དབུ་མའི་བགྲོ་གླེང་སྐབས་གཉིས་པ་བལ་ཡུལ་ཇོ་ནང་དགོན་དུ་དབུ་འཛུགས་གནང་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་སྐབས་གཉིས་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་གཉིས་སྟབས་གཅིག་ཏུ་དབུ་འཛུགས་གནང་ཡོད་ལ། ཚོགས་ཐོག་དུ་ཇོ་ནང་བའི་གནད་ཡོད་མི་སྣ་སོགས་མི་གྲངས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་འདུག
ཇོ་ནང་སྨོན་ལམ་ཆེན་མོ་ཐེངས་བཅུ་གཅིག་པ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད།
༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་དེ། ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་ ༣༠ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག
ངའི་མཐར་ཐུག་གི་འདོད་པ་ནི“བོད་ཀྱི་མཚན་ཉིད་རིག་པ”ཞེས་ཅིག་བཤད་འདོད་ཡོད་པ་དེ་ཡིན།
ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་དང་རྩོམ་པ་པོ་གྲགས་ཆེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ལ་བཅར་འདྲི་བྱས་འདུག
སྤྱིར་བཤད་ན་“མཁས་པ”ཞེས་པ་ནི་རྩོམ་རིག་རྐྱང་མའི་གྲས་ནས་གསལ་བྱེད་བྱ་ཆོག་པ་ཞིག་མ་རེད།
ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་དང་རྩོམ་པ་པོ་གྲགས་ཆེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སུ་འཅའ་འདྲི་ཞིག་བྱས་འདུག
བོད་ཀྱི་སྐད་ཡིག་འཐུས་ཚང་བྱ་རྒྱུ་ནི་འགག་སྒྲོལ་གྱི་སྒུལ་ཤུགས་ཡིན།
གཅིག གླེང་བྱའི་གནད་དོན་གྱི་ཁ་ཕྱོགས་བཤད་པ།
ཁོ་བོས་འདི་ལྟར་བཤད་ཚེ་མཁས་པ་འགས་རང་རེའི་སྐད་ཡིག་ནི་འཐུས་ཚང་ཞིག་ཡིན་པས་བསྐྱར་དུ་འཐུས་ཚང་བྱ་རྒྱུའི་གནད་དོན་ཞིག་མེད་ཅེས་གླེང་ངེས་རེད། ང་ཚོའི་སྐད་ཡིག་འཐུས་ཚང་དང་ཀུན་འདུས་ཀྱི་སྤོབས་པ་ཡོད་པ་ལེགས་ན་ཡང། དེའི་དཔེར་མཚོན་ནི་ཚིག་མཛོད་རྣམས་རེད། ད་ཡོད་ཚིག་མཛོད་ཁག་ལ་བསམ་ན་མེད་པ་ནས་ཡོད་པར་གྱུར་པའི་ཆ་ནས་དངོས་གནས་རིན་ཐང་དང་ཕན་ཐོགས་ཆེན་པོ་རེད། ཚིག་མཛོད་དེ་དག་གིས་ཀློག་པ་པོ་དང་། རྩོམ་པ་པོ། ལོ་ཙཱ་བ། ཞིབ་འཇུག་པ་སོགས་ལ་ཕན་ཐོགས་ཚད་མེད་བྱུང་ཡོད། ད་ཡོད་ཀྱི་ཚིག་མཛོད་ནང་ལ་བོད་ཀྱི་རིག་གཞུང་ཁག་གི་ཐ་སྙད་གང་མང་ཞིག་འདུས་པ་ཙམ་ལས། རིག་གཞུང་གི་སྔར་ཡོད་ཀྱི་ཐ་སྙད་ཆ་ཚང་འདུས་ཐུབ་མེད་ལ། དེ་ལས་གལ་ཆེ་བའི་དམངས་ཁྲོད་ཀྱི་ཐ་སྙད་ནི་ཐོ་རེ་བ་ལས་ཕལ་ཆེ་བ་གཏན་ནས་འདུ་ཐུབ་མེད།
རྩོམ་ཡིག་དེ་ལས་མང་བ།
ཤོག་ངོས་རྗེས་མ་དག་ཀློགས།

